in the future - u will be able to do some more stuff here,,,!! like pat catgirl- i mean um yeah... for now u can only see others's posts :c
🙏 𝐏𝐀𝐑𝐓 𝟐𝟒 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
སངས་རྒྱས་སེམས་ཅན་རིག་དང་མ་རིག་ཁྱད།།དེ་ནི་སུས་ཀྱང་བཤད་ཚོད་ཐིག་པ་མིན།།
རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས།།རང་གིས་རང་ཉིད་ཤེས་པར་བྱ་བ་བཟང་། །
The difference between a Buddha and ordinary beings lies in recognizing or not recognizing awareness.
Thus, no one can truly pass judgment on others,
For one’s own mind is never hidden from oneself.
It is wiser to focus on understanding oneself.
རང་ལ་མངོན་པར་ཤེས་པ་མི་ལྡན་པས།།གང་ཟག་གཞན་ཚོད་འཛིན་པར་ནུས་མ་ཡིན།།
ལས་ངན་གསོག་པའི་རྐྱེན་དུ་འགྱུར་ཉེན་ཆེ།།སྐུར་འདེབས་མི་བྱེད་དག་སྣང་སྦྱོང་བར་རིགས། །
Since one lack clairvoyant power,
One cannot truly assess the nature of other beings.
Attempting to do so may lead to the accumulation of negative karma,
So instead of belittling others, practice pure perception.
འོན་ཀྱང་ཆོས་ཀྱི་འབྲེལ་བ་བྱེད་པ་ན། །ཁ་ཟས་མ་བརྟག་དུག་དང་འཕྲད་པ་བཞིན།།
བླ་མ་མ་བརྟག་ཕན་ལས་གནོད་པ་མང་།།དེ་ཕྱིར་ཐོག་མར་བརྟགས་ནས་བསྟེན་པ་གཅེས། །
However, when forming a spiritual connection,
Just as untested food can turn out to be harmful,
Failing to examine the Guru may be more harmful than beneficial.
Therefore, it is wiser to check first and then follow.
ཟུང་འཇུག་ཡེ་ཤེས་ནང་ནས་རྟོགས་པ་དང་།།ཆོས་བརྒྱད་འཛིན་པ་ཁོང་ནས་གྲོལ་བ་ཡི།།
སྐྱེས་ཆེན་དམ་པ་རྣམས་ལ་ཞུ་འོས་མིན།།རང་འདྲའི་ཆོས་མཛད་རྣམས་ལ་ཕན་ཕྱིར་སྨྲས། །
It is not appropriate to say so to the Supreme beings
Who have realised the Wisdom of Union from within and
Broken the shackle of Eight Worldly Dharma internally:
I am saying this for the benefit of Dharma practitioners like myself.
👉To be continued....
14 - 1
🙏 𝐏𝐀𝐑𝐓 𝟐𝟑 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
སངས་རྒྱས་བྱང་སེམས་ཐ་མལ་དགེ་བའི་བཤེས།།དམ་སྲི་རྒྱལ་འགོང་བདུད་ཀྱི་སྤྲུལ་པ་སོགས། །
ཅི་རིགས་འབྱུང་བར་ལུང་ལས་གསུངས་པས་ན།།སྤྲུལ་མིང་ཙམ་ལ་ཧ་ཅང་བློ་མ་གཏོད། །
Buddha, Bodhisattvas and ordinary teachers,
Samaya violator, spirit king and manifestation of demons etc.
Will appear in various forms, says the scripture,
So do not rely much upon the mere title of Trulku.
གང་ཞིག་དུད་འགྲོ་གསོད་ལ་བརྩོན་པ་དང་།།རྟག་ཏུ་སྤྲུལ་མིང་ཐོབ་ཏུ་རེ་བ་དང་།།
དེ་ལ་བློ་གཏད་ཡིད་ཆེས་བྱེད་མཁན་རྣམས།།གཞན་ལ་མི་ཕན་རང་ཉིད་འཕུང་བའི་རྒྱུ། །
The one who always perseveres to butcher animals and
The one who always aspire for the title of Trulku
And those who trust and believe in them
Cannot benefit others but ruin oneself.
ངོ་སྲུང་རྩོལ་བས་འོ་བརྒྱལ་མི་དགོས་པར།།རང་སེམས་རྣམ་རྟོག་དབང་དུ་འདུས་གྱུར་ན།།
ཕྱི་ཡི་སྐྱེ་འགྲོ་མ་ལུས་དབང་དུ་འདུ།།དེ་ཚེ་དུས་ལ་བབ་པའི་འགྲོ་དོན་བྱུང་། །
When one can overcome the need to save face,
And conquer the conceptual thoughts of one's own mind,
Only then can one triumph over all external beings,
And the time will be right for actions that benefit others.
ཆོས་དབྱིངས་གང་འདུལ་གཟུགས་སྐུར་ཤར་བ་དང་།།སྨོན་ལམ་དབང་གིས་འགྲོ་བའི་དོན་ལ་བྱོན།།
ལས་ཀྱི་དབང་གིས་སྐྱེ་བ་ལེན་པ་རྣམས། །མིང་ཙམ་འདྲ་ཡང་དོན་ལ་ཅུང་མི་འདྲ། །
The Dharmakayas appear in appropriate forms for the benefit of beings,
Manifesting through the power of their aspirations.
Though beings reborn due to their karma may seem similar,
In essence, they are fundamentally different.
👉To be continued....
17 - 2
🙏 𝐏𝐀𝐑𝐓 𝟐𝟐 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
སྔར་དུས་སྤྲུལ་སྐུའི་མིང་འདོགས་ཁྲིར་གསོལ་བ།།ཁང་བཟང་འདེགས་ལ་ཀ་ཆེན་གཙོ་བ་བཞིན།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་བྱེད་པ་ལ།།གཞན་ལས་ལྷག་པའི་ཐུགས་ཁུར་བཅོལ་བར་སེམས། །
In the past, beings recognized and enthroned as a Trulku,
Were like the main pillars supporting a mansion,
Always accepting special responsibility,
For upholding, preserving, and spreading the Dharma.
ལ་ལ་དམ་པའི་སྐྱེ་སྤྲུལ་ཡིན་ངེས་ཀྱང་།།སྐུ་ཚེ་སྔ་མའི་བག་ཆགས་བཟང་པོ་ནུབ།།
རྟོགས་པའི་ཡོན་ཏན་ནང་ནས་མ་ཤར་ན། །ཚུལ་མིན་ངན་རྟོག་བདུད་ཀྱིས་བསླུས་ཀྱང་སྲིད། །
Some may be the genuine reincarnations of supreme beings,
But if the fine qualities of past lives have faded,
And true realizations do not arise within,
They may be misled by the demon of negative thoughts.
རང་དོན་རྟོགས་པ་མངོན་དུ་མ་གྱུར་རིང་།།ལྟར་སྣང་འགྲོ་དོན་དུག་ལྟར་འཛེམ་ན་ལེགས།།
རེ་འདོད་འཛིན་རྩོལ་མུན་པ་སངས་པ་ན།།རྩོལ་མེད་འཕྲིན་ལས་འོད་སྟོང་འཕྲོ་བར་འགྱུར། །
Until one achieves true realization for the self-liberation,
It’s wise to avoid the activities of benefiting others,
Once the darkness of hope, desire, grasping, and effort is lifted,
Countless rays of effortless activity will shine forth.
👉To be continued....
23 - 1
🙏 𝐏𝐀𝐑𝐓 𝟐𝟏 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
ཟུང་འཇུག་ཡེ་ཤེས་ནང་ནས་མ་རྟོགས་ན།།ཕྱི་ཡི་འབུལ་དངོས་བཟང་ཡང་ལན་ཆགས་ཀྱི།།
བུ་ལོན་སྐུ་ལུས་སྟེང་ནས་འཇལ་དགོས་ཚེ། །གཙང་བླ་རྟ་ནག་ཅན་འདྲ་འོང་བར་ངེས། །
If one has not internally realised the Wisdom of Union,
Fine external material offerings are karmic debts,
That one has to repay with one’s body,
Same as Lama Tanak of Tsang.
ཆོས་བརྒྱད་འཛིན་པ་ཁོང་ནས་མ་ཞིག་ན།།བདུད་བཞིའི་ནང་ནས་དགའ་བྲོད་ལྷ་བུའི་བདུད།།
བླ་སྤྲུལ་སྐུ་བསོད་ཅན་ལ་འོང་ཉེ་བས།།དེ་ལས་རྒྱལ་བའི་ཐབས་ལ་འབད་པར་མཛོད། །
If the attachment to the eight worldly dharmas is not internally broken,
Devaputra, the joyful among the four demons,
Is likely to appear to the lamas and Trulkus with so called ‘good fortune’.
So,make an effort to overcome this.
(Devputra demon is called demon of the son of the gods, it comes in the form of fame, prosperity, followers etc and distracts one from the spiritual path)
ལས་དང་ཉོན་མོངས་འཆིང་བ་ལས་གྲོལ་ཞིང་།།རང་གནས་ཆོས་སྐུའི་ངང་ལས་མ་གཡོས་ན།།
དེ་ཉིད་སངས་རྒྱས་ཡིན་ཞེས་ཀུན་གྱིས་བསྟོད།།སྤྲུལ་མིང་ཙམ་ལ་རེ་བས་ཅི་ཞིག་བྱ། །
The one who has broken the bonds of karma and afflictions,
And remains steady in the state of Dharmakaya,
Is honoured by all as the Buddha.
What is the value of merely wishing for the title of a Trulku?
👉To be continued....
27 - 1
🙏 𝐏𝐀𝐑𝐓 𝟐𝟎 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
སངས་རྒྱས་སྒྲུབ་པའི་ཐབས་ལམ་ཆོས་ཡིན་ཀྱང་།།ཆོས་བཞིན་མི་བྱེད་རང་ཉིད་ངན་འགྲོའི་རྒྱུ།།
ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ་ན།།བསླབ་གསུམ་རྣམ་དག་བསྟན་པ་གང་གིས་འཛིན། །
Though Dharma is the path to achieving Buddhahood,
Not following the Dharma leads to rebirth in lower realms.
If someone who appears to be a Dharma practitioner engages in non-Dharmic actions,
Then who will uphold the pure teachings of the three trainings?
གང་ཞིག་མི་ཆོས་བླ་མའི་རྫུན་བྱེད་པ།།འགྲོ་བ་ལྷ་དང་བཅས་པའི་ཆོམ་རྐུན་ཞེས།།
རྒྱལ་བས་ཡང་ཡང་གསུངས་པ་བདེན་གྱུར་ན།།ཆོས་མཛད་རྣམས་ཀྱིས་སྙིང་ལ་བཟོད་ལགས་སམ། །
“A worldly person falsely claiming to be a qualified guru,
Is called bandit of beings and gods”,
The Victorious One has repeatedly said.
Can the Dharma practitioners tolerate such action?
ལྕགས་གོང་མེ་ལྕེ་འབར་བ་ཟོས་པ་མཆོག།ནང་དུ་རིག་གྲོལ་ཡོན་ཏན་མི་ལྡན་པས།།
ཡུལ་འཁོར་བསོད་སྙོམས་ཟ་བ་དེ་ལྟ་མིན།།ཞེས་པའང་དམ་ཆོས་འདུལ་བའི་ལུང་ལས་བྱུང་། །
Without the internal qualities of intellect and liberation,
It is better to eat iron ball with blazing flame,
Rather than eating alms and donations received from others.
So says the Vinaya Scripture.
ཕྱི་ཡི་བདུད་ནི་པད་འབྱུང་སོགས་ཀྱིས་བཏུལ།།ནང་གི་རྣམ་རྟོག་བདུད་ལ་ཟད་པ་མེད།།
ཆོས་མཛད་རྣམས་ཀྱི་སྙིང་ལ་ཞུགས་པ་ན།།སངས་རྒྱས་བསྟན་པ་མི་རིང་བརླག་པར་འགྱུར། །
The external demons were subdued by Padmasambhava and others,
But the demon of inner thoughts is endless.
When it takes root in the hearts of Dharma practitioners,
Buddha’s teachings will soon be destroyed!
👉To be continued....
19 - 1
🙏 𝐏𝐀𝐑𝐓 𝟏𝟗 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
འོན་ཀྱང་དེ་འདྲ་གང་ཡང་མི་འདོད་ལ།།ཚེ་འདིར་བཟའ་བཏུང་ཙམ་གྱིས་ཆོག་པ་དང་།།
ཕྱི་མ་དམྱལ་བའི་ཁང་བཟང་ཉམས་དགའ་བར།།གཏན་དུ་བཞུགས་པར་སྤྲོ་ན་གང་དགར་མཛོད། །
But if you have no desire to benefit others,
And are satisfied with just food and drink in this life,
And wish to live forever in the pleasant palace of hell,
Then go forth and act as you please.
རང་སེམས་ཆོས་དང་མཐུན་པར་མ་གྱུར་ན། །བདུད་ཅེས་བྱ་བ་གར་ཡོད་མ་ངེས་ཏེ།།
ཕ་མ་སློབ་དཔོན་སོགས་ཀྱི་ཚུལ་བཟུང་ནས།།སྐྱེ་བོ་ལོག་པའི་ལམ་དུ་འཁྲིད་ལ་བརྩོན། །
If one's mind is not aligned with Dharma,
The presence of a so-called "demon" cannot be defined.
In the guise of parents, teachers, and others,
It seeks to lead beings down the wrong path.
ནང་དུ་རང་སེམས་ཉོན་མོངས་ལས་གྲོལ་ན།།ཕྱི་རུ་འཁོར་བའི་འཇིགས་པ་ཀུན་ལས་གྲོལ།།
དེ་ལ་ཡང་དག་དམ་པའི་ལྷ་ཆོས་ཟེར།།ལྟར་སྣང་ཁ་འཛིན་ཆོས་ལ་མ་རེ་མཛོད། །
If one’s mind is internally liberated from afflictions,
One is delivered from all external worldly fears,
This is called the authentic divine Dharma,
Do not rely on apparently verbal Dharma.
རང་ཉིད་སྤྲུལ་མིང་སོགས་ལ་ཁ་གཡར་ནས།།རྙེད་བཀུར་ཆེད་དུ་རྒྱལ་ཁམས་ཡོན་བདག་བསླུས། །
སངས་རྒྱས་བསྟན་པའི་སྲོག་རྩ་གཅོད་བྱེད་ན།།དོན་ལ་དུད་འགྲོ་གསོད་མཁན་ལས་ཀྱང་ཐུ། །
Riding high on the name and identity of a Trulku,
Deceiving patrons near and far for gain and honour,
It undermines and cuts the lifeline of Buddha Dharma,
This is, in fact, worse than killing animals.
👉To be continued....
36 - 1
🙏 𝐏𝐀𝐑𝐓 𝟏𝟖 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
འཇིགས་སྐྲག་ཚད་མེད་ངང་ནས་འཆི་བ་ཡི།།དབུགས་ནི་དུག་གི་རང་བཞིན་ཉིད་དུ་གྱུར།།
བར་དང་རླུང་དང་འདྲེས་པས་ས་གཞི་ཁྱབ།།སྣོད་བཅུད་ཀུན་ལ་བཀྲ་མི་ཤིས་པ་འབྱུང་། །
The breath of those who die in immense fear and terror,
Turns into poison. When it mixes with space and wind,
It permeates the earth,
Bringing inauspiciousness to the entire world and its inhabitants.
དུས་གསུམ་སངས་རྒྱས་སེམས་ཅན་དོན་ལ་བྱུང་།།དམ་ཆོས་མ་ལུས་སེམས་ཅན་དོན་ལ་བྱུང་།།
དགེ་འདུན་དཀོན་མཆོག་སེམས་ཅན་དོན་ལ་བྱུང་།།སེམས་ཅན་མེད་ན་དཀོན་མཆོག་གསུམ་ཡང་མེད། །
The Buddhas of the three times exist for the sake of all beings,
All the supreme Dharma is for their welfare,
The Precious Sangha supports the well-being of all beings,
Without sentient beings, there would be no need for the Triple Gem.
གང་ཞིག་ཐོག་མར་སྐྱབས་སུ་འགྲོ་བ་དང་།།བར་དུ་དགེ་བའི་ལས་ནི་ཅི་སྒྲུབ་དང་།།
མཐའ་མ་བསྔོ་བ་དང་ནི་སྨོན་ལམ་སོགས།།ཐམས་ཅད་སེམས་ཅན་དོན་ལ་བརྟེན་ནས་བྱུང་། །
One begins by taking refuge in the Triple Gem,
Engages in virtuous activities in the middle,
And concludes with dedication and aspiration,
All of this is for the benefit of sentient beings.
དེ་ཕྱིར་སངས་རྒྱས་སྒྲུབ་ལ་སེམས་ཅན་དགོས།།བྱང་ཆུབ་སེམས་བསྐྱེད་ལྡན་ལ་སེམས་ཅན་དགོས།།
བསོད་ནམས་ཚོགས་ཆེན་གསོག་ལ་སེམས་ཅན་དགོས།།སྲོག་གཅོད་མཁན་ལ་དེ་རྣམས་སྐལ་བ་ཆད། །
To attain enlightenment, one needs sentient beings.
Sentient beings are essential for developing the mind of enlightenment.
They are required to accumulate great merit.
But the one who takes life will not have such good fortune.
👉To be continued....
26 - 1
🙏 𝐏𝐀𝐑𝐓 𝟏𝟕 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
བྱང་སེམས་ལྡན་པ་ཚེ་འདིར་དམན་གྱུར་ཀྱང་།།དོན་ལ་ལྷ་མིའི་ཕྱག་གི་གནས་སུ་གྱུར།།
སྡིག་པའི་སེམས་ལྡན་ཁ་དྲག་དབང་ཆེ་ཡང་།།དོན་ལ་དམྱལ་བའི་མེ་ཡི་བུད་ཤིང་ཡིན། །
Even if one’s means are modest in this life, if one possesses Bodhicitta (wish for enlightenment),
They are revered by both gods and humans.
On the contrary, the arrogant and powerful with sinful minds,
Are, in reality, fuel for the fires of hell.
སྡིག་པའི་ལས་ནི་གང་དང་གང་བྱེད་ཀྱང་། །རང་གཞན་ཀུན་ལ་སྡུག་གི་སྣ་འདྲེན་ཡིན།།
དགེ་བའི་ལས་ནི་གང་དང་གང་བྱེད་ཀྱང་། །རང་གཞན་ཀུན་ལ་ཕན་དང་བདེ་བའི་མཆོག །
Every sinful action one commits
Leads oneself and others deeper into sin,
Every virtuous deed one performs
Becomes a supreme source of benefit and happiness for all.
སྔོན་ཚེ་འཁོར་ལོས་བསྒྱར་བའི་རྒྱལ་པོ་ཡི།།འབངས་རྣམས་བདེ་སྐྱིད་ལོངས་སྤྱོད་ལྷ་དང་མཉམ།།
ནད་མཚོན་མུ་གེའི་འཇིགས་པ་མིང་ཡང་མེད།།དེ་རྣམས་དགེ་བའི་མཐུ་ལས་བྱུང་བར་གསུང་། །
The happiness and wealth of the subjects
Of Universal Kings in the past equalled that of gods.
Disease, starvation, and conflicts were unknown,
All thanks to the power of virtue, as the Buddha said.
སྲོག་གཅོད་མ་བྱིན་ལེན་སོགས་སྡིག་པ་སྤོང་།།ཀུན་ལ་གུས་ཤིང་བྱམས་པའི་ཁྲིམས་བཅས་པས། །
ཡུལ་ཕྱོགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་པ།།མཐུན་པ་སྤུན་བཞིའི་རྣམ་ཐར་ཡིད་ལ་སོམས། །
Refraining from non-virtuous acts like killing and stealing,
And adopting respect and love for all,
Brings auspiciousness, happiness, and prosperity to the land.
Just remember the story of the Four Harmonious Friends.
👉To be continued....
24 - 1
🙏 𝐏𝐀𝐑𝐓 𝟏𝟔 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
དཔལ་ལྡན་འབྲུག་པའི་ཆབ་སྲིད་འཛིན་པ་ལ།།ཡང་དག་ཆོས་ཀྱི་དོན་རྟོགས་མི་དགོས་ཀྱང་། །
རང་རྒྱུད་ལོག་ལྟའི་དབང་དུ་མ་སོང་བར། །རྒྱུ་འབྲས་སྲུང་བའི་མི་ཞིག་ངེས་པར་དགོས། །
For the administrators and leaders of our glorious Bhutan, While it may not be essential to understand the ultimate Dharma, But one must absolutely uphold the law of karma, Without letting one’s mind be influenced by wrong views.
རྣམ་མང་ཡོན་ཏན་ཇི་ཙམ་མཁས་གྱུར་ཀྱང་། །ཚེ་འདི་ཙམ་ལས་ཕྱི་མའི་དོན་མི་སེམས།།
རྒྱུ་འབྲས་ཡིད་ཆེས་མེད་པའི་གང་ཟག་ལ། །བློ་གཏད་ཡིད་ཆེས་ནམ་ཡང་བྱ་མི་རུང་། །
Even if a person is knowledgeable in numerous fields, If they focus only on this life and ignore future lifetimes, And don’t believe in cause and effect, Such a person cannot be trusted.
སྡིག་པའི་གཉེན་པོ་དམ་པའི་ཆོས་ཡིན་ཀྱང་། །མར་ཀོག་མར་གྱིས་འདུལ་བར་མི་ནུས་བཞིན། །
ལོག་ལྟ་ཅན་ལ་ཆོས་ཀྱིས་ཕན་པ་མེད། །མི་དགེ་བཅུ་ཡི་ནང་ན་ལོག་ལྟ་ཐུ། །
Though divine Dharma is the antidote to non-virtue, Just as butter cannot escape the leather bag that holds it, Dharma is of no use to those with wrong views. Among the ten non-virtues, wrong view is the most heinous.
ད་དུང་མི་བདེན་བཤད་ཚོད་ཡིན་དགོངས་ན། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །
རྒྱ་བོད་མཁས་གྲུབ་ཚད་ཐུབ་ཀུན་དོར་ནས།།ལོག་ལྟ་ཅན་གྱི་བདེན་དཔང་སུ་ཞིག་ཡོད། །
If one believes this is not true, Who can challenge the Buddhas and Bodhisattvas of the ten directions, As well as the authentic scholar-saints of India and Tibet, To vouch for someone with wrong views?
ཚུལ་མིན་སྡིག་ཟས་ཤ་ཁྲག་ལོངས་སྤྱོད་ཀྱིས།།སྐྱེ་བོ་གང་དང་གང་ལ་ཁྱབ་གྱུར་པ། །
དེ་ནི་རིམ་བཞིན་ཚེ་འཐུང་ནད་མང་གི།རྒྱུ་ཡི་མཆོད་སྦྱིན་ཆེན་པོ་ཡིན་པར་སེམས། །
All those involved in the economic gains,
From immoral sinful food of meat and blood,
Are eventually creating the cause
Of Short life span and many illnesses.
👉To be continued....
22 - 1
🙏 𝐏𝐀𝐑𝐓 𝟏𝟓 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏
ཡོད་ན་དཔལ་འབྱོར་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་དཔལ་འབྱོར་སྒྲུབ་ལ་ཐབས་ཆག་པ། །
དཔལ་འབྱོར་སྒྲུབ་པའི་ཐབས་ལམ་མ་ནོར་བ། །དུད་འགྲོའི་ཤ་ཚོང་ཁོ་ན་ཡིན་ལགས་སམ། །
Is the slaughter and sale of meat the only way to help the economy? Are we really left with no other option? Is this the only clear and ethical way to earn money, Through engaging in the slaughter and sale of meat?
ཤ་ལས་བྱུང་བའི་དཔལ་འབྱོར་ཉིད་ཡོད་ན།།ཆོས་ལྡན་ཞིང་གི་ཆེ་བ་ཉམས་པ་དང་། །
ནད་མུག་མཚོན་གྱིས་རྒྱལ་ཁམས་འཇིག་པ་སོགས།།གང་ཞིག་འབྱུང་ཡང་འགྱོད་པ་མེད་ལགས་སམ། །
We might earn money from slaughtering and selling meat, But it tarnishes the glory of the Land of Dharma. If disease, starvation, and conflict destroy the Kingdom, Would we have no regrets, I wonder!
ལ་ལ་འཚེ་བ་ཆོས་སུ་སྨྲ་བ་ཡོད། །ལ་ལ་དགེ་སྡིག་གང་ཡང་ཁས་མི་ལེན། །
ལ་ལ་འཚེ་མེད་ཞི་བའི་ལམ་ལུགས་འཛིན། །འབྲུག་ཡུལ་འདི་ཡི་ལྟ་བ་གང་ཞིག་ཡིན། །
Some view violence as a form of religion, While others cannot distinguish between sin and virtue. Some follow the tradition of non-violence. What is the true philosophy of the Kingdom of Bhutan?
རང་ཡུལ་རྫོང་གཞི་དགོན་གནས་དེ་དག་ཏུ། །གྲུབ་ཐོབ་ཀརྨ་གླིང་པའི་གཏེར་ཆོས་བཞིན། །
སྲིད་པ་བར་དོའི་སྣང་ཚུལ་གར་འཆམ་གྱིས། །འགྲོ་ཀུན་དགེ་ལ་བསྐལ་བ་མ་གཟིགས་སམ། །
Haven’t you witnessed the mask dances that depict the intermediate state of rebirth, And encourage beings to practice virtue? These are performed at monasteries in various districts, According to the Treasure Teachings of Siddha Karma Lingpa.
👉To be continued....
16 - 1