དམིགས་ཡུལ་གཙོ་བོ་རང་ འཛམ་གླིང་འཕྲུལ་རིགས་གོང་འཕེལ་དང་བསྟུན་ བླ་མ་དང་མཁས་པ་ཚུ་གིས་ རྒྱལ་ཡོངས་ཁ་སྐད་རྫོང་ཁ་ཉག་རྐྱང་གི་ཐོག་ལུ་mp3 ནང་སྒྲ་བཟུང་འབད་ཡོད་པའི་ མན་ངག་དང་། ཆོས་བཤད། རྣམ་ཐར། ལོ་རྒྱུས་ལ་སོགས་པ་ཚུ་ ཡོངས་འབྲེལ་བརྒྱུད་ལམ་གྱི་ཐོག་ལུ་ ཡུན་རིངམ་སྦེ་རྒྱུན་སྐྱོང་འབད་ཐབས་ལུ་དམིགས་ཏེ་ གློག་བརྙན་སྦེ་བཟོ་བཙུགས་ནི་དང་། ལྷག་པར་དུ་འབྲུག་གཞུང་གྲྭ་ཚང་གི་ཕྱག་བཞེད་ལྟར་ དཀྱིལ་ཆོག་དང་འབྲེལ་བའི་ མཐོང་བ་བརྒྱུད་པའི་ཕྱག་ལེན་ གདངས་དབྱངས་དང་། དུང་། རྒྱ་གླིང་ལ་སོགས་པ་ཁུངས་ཐུབ་ཡོད་མི་ཚུ་ འཚོལ་ཞིབ་འབད་དེ་ མ་འོངས་པའི་དྲན་རྟེན་གྱི་དོན་ལུ་ཕུལ་དོ་ཡོདཔ་ཨིན། བཀྲིན་ཆེའོ།།